top of page

༄༅།།  ཁོ་ལོ་ར་ཌོ་བོད་མིའི་སྤྱི་མཐུན་ཚོགས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ལོ་རྒྱུས་སྙིང་བསྡུས།

༄༅།།  ཁོ་ལོ་ར་ཊོ་བོད་མིའི་སྤྱི་མཐུན་ཚོགས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་སྤྱི་ཀུན་བཟང་སྟོབས་ལྡན་ནས་༢༠༢༥ ལོར་ས་གནས་འདིར་སློབ་གྲཱ་དང་པོ་གསར་འཛུགས་ག་དུས་གནང་བ་དང་རྒན་ལགས་སུ་ཡིན་ས་ཆ་གང་དུ་ཚུགས་པའི་་ལོ་རྒྱུས་སྙིང་བསྡུས་ཅིག་འབྲི་རྒྱུར་རེ་བསྐུལ་གནང་བྱུང་བས་ཕྲན་ནས་སྐབས་དེའི་རྒན་ལགས་ཚོར་བཀའ་འདྲི་ཞུས་པར་རྒན་དཔལ་འབྱོར་ལགས་དང་རྒན་བསྟན་ཆོས་ལགས་དེ་བཞིན་རྒན་ཉི་མ་གྲོལ་མ་ལགས་རྒན་ངག་དབང་ལགས་བཅས་ནས་གསུང་དོན་རྣམས་བཀོད་ཡོད།


ཕྱི་ལོ་ ༡༩༩༦ ལོར་རྒན་དཔལ་ལྡན་དངོས་འགྲུབ་ལགས་དང་རྒན་དཔལ་འབྱོར་ལགས་རྣམ་གཉིས་ནས་སློབ་གྲཱ་གསར་འཛུགས་གནང་འདུག་སློབ་ཕྲུག་ལྔ་ནས་བཅུའི་བར་ཡོད་པ་དང་སློབ་གྲཱ་ཚུགས་ཡུལ་ནི་རྒན་དཔལ་ལྡན་ལགས་ཀྱི་གཟིམ་ཁང་ནང་དུ་ཚུགས་འདུག་རྗེས་སུ་སློབ་ཕྲུག་རྒྱུན་འཁྱོངས་ཡོང་མཁན་མ་བྱུང་སྟབས་རེ་ཞིག་མཚམས་འཇོག་གནང་འདུག།


ཕྱི་ལོ་༢༠༠༣ ལོར་བསྟན་ཆོས་ལགས་དང་རྒྱ་མཚོ་ལགས་རྣམ་གཉིས་ནས་སློབ་གྲཱ་གསར་འཛུགས་གནང་ཏེ་སློབ་གྲའི་མིང་ལ་འཇའ་སློབ་གྲཱ་ཞེས་ Rainbow School ​དགེ་རྒན་བསྟན་ཆོས་ལགས་དང་རྒྱ་མཚོ་ལགས་ ཉི་མ་སྒྲོལ་མ་ལགས་ སྒྲོལ་མ་ལགས་ དཔལ་འབྱོར་ལགས་བཅས་ནས་སློབ་འཁྲིད་གནང་བ་ ཕྱི་ལོ༢༠༠༨ ལོར་བསྟན་ཆོས་དང་རྒྱ་མཚོ་ལགས་རྣམ་གཉིས་ Washington DC སྤོས་གནང་བར་རྟེན་སློབ་གྲཱ་དེ་ལ་སློབ་ཕྲུག་མང་ཆེ་བ་ Denver ནས་ཡིན་སྟབས་སློབ་གྲཱ་ Denver ལ་ཚུགས་འདུག་སློབ་ཕྲུག་བརྒྱད་ཙམ་ཡོད་པ་ དགེ་རྒན་ཉི་མ་སྒྲོལ་མ་ལགས་ རྒན་སྒྲོལ་མ་ལགས་  རྒན་ངག་དབང་ལགས་བཅས་ལོ་གཅིག་ཙམ་སློབ་གྲཱ་འཚུགས་འདུག་འཚུགས་ཡུལ་ནི་ངག་དབང་ལགས་ནང་དུ་རེད་འདུག། 


བོལ་ཊར་ Boulder ས་ཁུལ་ལ་སློབ་གྲཱ་དགོས་ལུགས་བཅས་པའི་དགོངས་ཚུལ་གསུངས་མཁན་ཀོང་པོ་འདྲི་མེད་བསྟན་མཁར་འཇིགས་མེད་ལགས་དང་རྒན་དཔལ་ལྡན་ལགས་གཉིས་ནས་དགོངས་ཚུལ་གསུང་པ་དང་རྗེས་སུ་རྒན་དཔལ་ལྡན་ལགས་ཀྱི་བུ་འཇིགས་མེད་ཚོགས་གཙོའི་ལས་ཐོག་སྐབས་དགེ་རྒན་ཟུར་པ་རྣམས་ བཟོད་པ་ལགས་ཀྱི་ནང་ལ་སྐོངས་ཏེ་ཚོགས་འདུ་བྱས་ནས་བོད་ཀྱི་རིག་གཞུང་སློབ་གྲཱ་དགོས་ལུགས་གལ་ཆེ་དང་ད་ཆ་བུ་ཕྲུག་མང་པོ་ས་གནས་འདིར་འབྱོར་ཡོད་པ་དང་སློབ་སྤྱི་འདེམས་བསྐོ་བྱེད་དགོས་ལུགས་སོགས་དགེ་རྒན་ཟུར་པ་རྣམས་ནས་འོས་འཕངས་ནས་ཚེ་རིང་ཆོས་འཕེལ་ལ་འདེམས་ཐོན་བྱུང་།

 

དེ་རྗེས་བསྟན་འཛིན་འཇིགས་མེད་ལགས་ཀྱི་ནང་དུ་ཡང་སློབ་གྲའི་སྐོར་ཚོགས་འདུ་ཚོགས་པ་རེད་དེ་རྗེས་ཚེ་རིང་ཆོས་འཕེལ་དང་ཀོང་པོ་འཇིགས་མེད་ལགས་དེ་བཞིན་རྒན་ལགས་ཁག་མཉམ་བཞུགས་གནང་ནས་ཕྱི་ལོ་༢༠༡༠ ཟླ་བ་༩ ཚེས་ ༡༡ ཉིན་སློབ་གྲཱ་གསར་འཛུགས་ཀྱི་མཛད་སྒོ་སྟབས་བདེ་ཞིག་བྱས་  བྱེད་ཡུལ་ནི་འཇའ་སློབ་གྲའི་ཕྱི་འདིར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་གྲོ་མ་བྲས་སིལ་གསོལ་ཇ་དེ་བཞིན་སློབ་དཔོན་རས་ཆུང་མཆོག་གིས་བཀའ་སློབ་ཟབ་ཞིང་རྒྱས་པ་གནང་བ་དང་རྒན་དཔལ་ལྡན་ལགས་ནས་སློབ་དེབ་རྣམས་ཤེས་རིགས་ལས་ཁུངས་ནས་མངགས་ཉོ་དང་རིན་བབས་ཆ་ཚངབྱིན་བདག་གནང་སོང་ཀོང་པོ་འདྲི་མེད་བསྟན་མཁར་འཇིག་མེད་ལགས་ནས་སློབ་གྲཱ་འཚོལ་བར་ས་ཆ་ཁག་མང་པོར་ཚོལ་ཐབ་གནང་ནས་མཐར་ཡིཤུའི་ལྷ་ཁང་ཡག་པོ་ཞིག་ནང་ལ་སློབ་གྲཱ་ཚུགས་ཐུབ་པ་བྱུང་སོང་སྐབས་དེར་དགེ་རྒན་སྤྱི་ཟུར་དབང་ཕྱུག་ལགས་ རྒན་དཔལ་ལྡན་ལགས་ དཔལ་འབྱོར་ལགས་ ཀོང་པོ་འཇིགས་མེད་ལགས་ ངག་དབང་ཤེས་རབ་ལགས་ ངག་དབང་ཐར་འདོད་ལགས་ སྒྲོལ་མ་ལགས་ ཉི་མ་སྒྲོལ་མ་ལགས་བསྟན་འཛིན་འཇིགས་མེད་ བསྟན་འཛིན་རྣམ་གྲོལ་ བསྐལ་ལྡན་ལགས་ སྐབས་དེར་ སློབ་ཕྲུག་མང་ན་ ༤༥ དང་ཉུང་ན་ ༢༥ ཙམ་ཡོད།

 

དེ་བཞིན་བདེ་སྐྱིད་སྒྲོལ་དཀར་ལགས་ནས་དང་པོ་རྩིས་པའི་ལས་འགན་གནང་བ་དང་རིམ་བཞིན་སློབ་སྤྱིའི་ལས་འགན་ལོ་ངོ་ ༡༢ ཙམ་གནང་ཏེ་སློབ་གྲཱ་ཚགས་འཚུགས་གང་ལེགས་བྱུང་སོང་བས་དུས་ད་ལྟའང་ཡར་རྒྱས་ཐོག་གཙོ་བོ་བོད་ཀྱི་སྐད་ཡིག་དང་ནང་ཆོས་དེ་བཞིན་གཞས་སྣ་རོལ་ཆ་རྣམས་གཞོན་སྐྱེས་རྣམས་ལ་སློབ་སྦྱོང་སྤྲོས་དང་སྤྲོས་བཞིན་པའི་ཐོག་སློབ་གྲཱ་འདི་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བའི་སྨོན་ལམ་བཅས་།།

ཚེ་རིང་ཆོས་འཕེལ་གྱིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༤ པའི་ནང་འབྲིས་པའོ།​​​​

A Brief History of the Tibetan Language and Cultural School

A Historical Summary

At the request of Kusang Tobdhen, Principal of the Tibetan Language and Cultural School under the Tibetan Association of Colorado, a brief historical account of the school’s origins and development has been compiled. This request was made in April 2025. This summary is based on information shared by former teachers, including Paljor la, Tenchoe la, Nyima Dolma la, and Ngawang la.

Early Beginnings (1996)

The first Tibetan language school initiative in the Colorado Tibetan community began in 1996 through the efforts of Palden Ngodrup la and Paljor la. The school operated informally from Palden Ngodrup la’s home, serving approximately five to ten students. Due to inconsistent student attendance, the program was eventually discontinued.
 

Re-establishment as Rainbow School (2003–2008)

In 2003, Tenchoe la and Gyamtso la re-established the school under the name Rainbow School. The teaching staff included Tenhoe la, Gyamtso la, Nyima Dolma la, Dolma, la and Paljor la. Following the relocation of Tenchoe la and Gyamtso la to Washington, D.C. in 2008, the school moved to Denver to better serve the majority of students. At that time, the school had approximately eight students and was taught by Nyima Dolma la, Drolma, and Ngawang la. Classes were held at Ngawang la’s residence for about one year.
 

Community Advocacy and Formal Establishment (2010)

Recognizing the growing need for a structured Tibetan cultural education program, community members—including Kongpo Drime Tenkhar Jigme la and Palden la—advocated for the establishment of a school in the Boulder area. During the tenure of TAC president Jigme la (son of Palden la), a key meeting was held at the residence of Mr. Zopa, a retired teacher. Elders and former educators emphasized the importance of preserving Tibetan language and culture for the increasing number of children in the community. As a result of these discussions, Tsering Chöpel la was elected as the school’s principal through a vote among retired teachers. Additional planning meetings followed, including one hosted by Tenzin Jigme la.
 

Inauguration of the TCS (September 11, 2010)

A formal yet modest inauguration ceremony was held on September 11, 2010, outside of rainbow School. The ceremony featured a photograph of His Holiness the Dalai Lama and included offerings of tea, biscuits, and fresh fruit. During the event, Raychung la delivered an extensive teaching, and Palden la ordered school textbooks from the Department of Education, Dharamsala, with all associated costs covered by a benefactor. Kongpo Drime Tsemkhar Jigme played a key role in securing a suitable location for the school, ultimately identifying a Christian church facility where classes could be held. At the time of its formal establishment, the teaching staff included Wangchuk la (former General Secretary), Palden la, Paljor la, Kongpo Jigme la, Ngawang Sherab la, Ngawang Thardo la, Dolma la, Nyima Dolma la, Tenzin Jigme la, Tenzin Namdrol la, and Kelsang la. Student enrollment ranged from approximately 25 to 45 students.

Growth and Leadership

Gen Dickyi Dolkar la initially served as the school’s accountant and later assumed the role of principal, a position she held for approximately 12 years. Under her leadership, the school became firmly established and continued to grow steadily.
 

Present and Ongoing Mission

Today, the Tibetan Language and Cultural School continues to thrive, focusing on the teaching of Tibetan language, Buddhist values, and performing arts to younger generations. The school stands as a vital institution within the community, dedicated to preserving and promoting Tibetan heritage.

Like the waxing moon, the school continues to grow and flourish, with hopes for its sustained progress in the years ahead.

 

Mission Statement

 

At Tibetan Cultural School, our mission is to preserve and promote Tibetan language and culture for the younger generation growing up in the West. With nearly 90 students, ages 5 to 18, and 25 dedicated volunteer teachers, we provide a nurturing environment where children learn Tibetan language, traditions, and values through a structured curriculum from kindergarten through 6th grade. Our goal is to ensure that Tibetan heritage remains a living, thriving part of our children’s lives—and continues to inspire generations to come.

Why Preserving Tibetan Language and Culture Matters

  • Cultural Identity – Tibetan language and traditions are the heart of our identity, carrying centuries of wisdom, values, and philosophy.

  • Linguistic Heritage – Tibetan is a unique language with its own script and literature, serving as the vessel for Buddhist teachings, history, and knowledge.

  • Community Bonding – Shared language and traditions strengthen unity within the Tibetan diaspora, creating supportive and connected communities.

  • Historical Context – Since the 1959 exile, Tibetans have worked tirelessly to preserve their culture while building new lives abroad. Colorado’s Tibetan community continues this legacy.

  • Educational Enrichment – Learning one’s culture and language fosters pride, belonging, cognitive growth, and academic success.

  • Cultural Diversity – Tibetan traditions—art, spirituality, and philosophy—enrich the global cultural landscape.

 

Through the passion of our students, the dedication of our volunteers, and the support of our community, Tibetan Cultural School remains a vital space where Tibetan heritage flourishes in the West and continues to inspire future generations.

bottom of page